Texte Tibétain
༈ །གཉིས་པ་བསྟན་བཅོས་ཀྱི་རང་བཞིན་ལ་གཉིས། སྔོན་འགྲོ་ཆོས་ལ་འཇུག་ཚུལ། དངོས་གཞི་སྐྱེས་བུ་གསུམ་གྱི་ ལམ་བསྟན་པའོ། །དང་པོ་ལ་བདུན་ལས། དང་པོ་རྙེད་དཀའི་དལ་འབྱོར་དོན་ཡོད་པར་བྱ་བ་ནི།
དོན་ནི། མི་ཁོམ་པའི་གནས་བརྒྱད་དུ་མ་སྐྱེས་པའི་དལ་བ་བརྒྱད་དང་། ཆོས་སྒྲུབ་པའི་མཐུན་རྐྱེན་རང་ངོས་ནས་ཚང་ བའི་རང་འབྱོར་ལྔ་དང་། གཞན་ངོས་ནས་ཚང་བའི་གཞན་འབྱོར་ལྔ་སྟེ་འབྱོར་བ་བཅུ་ཚང་བའི་ལུས་རྟེན་གྲུ་ཆེན་ པོ་ལྟ་བུ་འདི། དཔེ་གྲངས་རྒྱུ་གསུམ་གྱི་སྒོ་ནས་རྙེད་དཀའ་ཞིང་། རྙེད་ན་དོན་ཆེན་པོ་ཐར་པ་དང་ཐམས་ཅད་མཁྱེན་པ་གང་བསྒྲུབ་ཀྱང་སྒྲུབ་ནུས་པ་ཐོབ་པའི་དུས་འདིར་དོན་མེད་དང་ དོན་ཆུང་གི་སྒོ་ནས་ཆུད་ཟོས་སུ་མི་གཏོང་བར་བདག་གཞན་ཐམས་ཅད་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བར་བྱ་བའི་ཆེད་དུ། ཉིན་དང་མཚན་མོའི་གནས་སྐབས་ཐམས་ཅད་དུ་ཅུང་ཟད་ཀྱང་གཡེལ་བ་མེད་པར་དུས་རྟག་ཏུ་ནི༑
ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་དྲུང་དུ་གདམས་པ་ཟབ་མོ་ཉན་པ་དང་། དེའི་དོན་རིགས་པ་རྣམ་པ་བཞིའི་སྒོ་ནས་བརྟགས་ཤིང་སེམས་པ་དང་། ཚུལ་བཞིན་ཡིད་ལ་བྱས་ཏེ་སྒོམ་པ་ནི་ རྒྱལ་སྲས་རྣམས་ཀྱིས་དལ་འབྱོར་ལ་སྙིང་པོ་ལེན་ཚུལ་གྱི་ལག་ལེན་ཡིན་ནོ་ཞེས་པའོ།
Vocabulaire
| Tibétain | Traduction |
|---|