← Retour à l'accueil

Hommage commenté

Exercice de traduction

Texte Tibétain

དོན་ནི། མཁྱེན་པའི་ཡེ་ཤེས་གང་གིས་ཤེས་བྱའི་ཆོས་ཀུན་འགྲོ་འོང་རྟག་ཆད་ཡོད་མེད་གཅིག་ཐ་དད་སོགས་སྤྲོས་པའི་མཐའ་བརྒྱད་གང་དུའང་གྲུབ་པ་མེད་པའི་གནས་ལུགས་དེ་ཁོ་ན་ཉིད་ཇི་ལྟ་བར་གཟིགས་ཀྱང་། བརྩེ་བ་སྙིང་རྗེ་ཆེན་པོའི་དབང་གིས་འགྲོ་བའི་དོན་ལ་མཐའ་གཅིག་ཏུ་བརྩོན་པར་མཛད་པའི་བླ་མ་མཆོག་རང་ལ་ཐེག་ཆེན་གྱི་ལམ་སྟོན་པ་པོ་དང་། སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་ཞེས་འགྲོ་བ་མགོན་མེད་རྣམས་ཀྱི་མགོན་དུ་གྱུར་པ་དབྱེར་མི་ཕྱེད་པ་དེ་ལ། དུས་རྟག་ཏུ་སྒོ་གསུམ་གུས་པས་བཏུད་དེ་ཕྱག་འཚལ་ལོ།
💡 Cliquez sur les mots tibétains pour voir leur traduction

Vocabulaire

Tibétain Traduction